You don't have Javascript turned on. This site uses Javascript to correctly display Tibetan characters and to play embedded audio files.

Lesson 6

Goal: Shopping, learn future tense, la-don particles, and yes-no questions.

image

Photo Session at Kumbum Monastery

Pronunciation Focus

adjectives -- ཁྱད་ཆོས་ཀྱི་ཚིག
Tibetan English
Audio Hyperlink
ཚ་བ། hot
གྲང་མོ། cold
འཁྱག་ཏོ། cold (of liquids)
ཁོའུ་མ། hot (of liquids)
སྐམ་པོ། dry
རློན་པ། wet
དྲོད་འཇམ། warm
elements -- འབྱུང་བ།
Tibetan English
Audio Hyperlink
ས། earth
ཆུ། water
མྱེ། fire
རླུང་། wind
ནམ་མཁའ། sky, space

Grammar

Future Tense
Person Verbal Ending for Declarative Statement Verbal Ending for Interrogative
First ...རྒྱུས། ...རྒྱུས་ཡིན་། ...རྒྱུ་རེད།
Second ...རྒྱུ་རེད་། ...རྒྱུས།...རྒྱུ་ཡིན།
Third ...རྒྱུ་རེད། ...རྒྱུས་རེད།
La-don in Amdo and simple questions
Particle Explanation Example Sentence in Amdo Example Sentence in English
la-don The la-don is formed by doubling up the last consonant. ཚེ་རིང་ཡང་ཧྲང་ང་འགྱོ་རྒྱུ་རེད། Tsherang went to the street. (The final consant of [hrang] is doubled, forming the la-don, i.e. la in Lhasa Tibetan)
ར། functions as dang in Lhasa Tibetan, "and" ཁུར་གེས་སློབ་དེབ་ར་ལོ་རྒྱུས་གི་དཔེ་ཆ་ཉོ་རྒྱུ་རེད། He will buy a textbook and a history book.
ར། functions as yang in Lhasa Tibetan སྙན་ངག་གི་དཔེ་ཆ་ར་ཆ་ཙིག་ཉོ་ན་ཐང། He will also buy a poetry book.
verb + ཨེ་ཡོད། forms yes/no questions ཁྱོ་དཔེ་ཆ་བཙོང་རྒྱུ་ཨེ་ཡོད། Are you buying a book?

Practice with Audio

Practice: Reading སྦྱོང་བརྡར། ཚེ་རིང་གིས་དཔེ་ཆ་ཉོ་རྒྱུ་རེད།

Glossary

ཁ་རྩང་དེ་རིང།
these days
མྱི།
people
ཟེར
to say
ཧྲ་གི
good
དལ་མོ་ཡས་ནས།
gradually, slowly, i.e. late
ཕྱི་ར
back, return
ཧྲང་ནས།
from the street
ཆེའོ་གི
the older one
རྩིས་རིག
math
ཆུང་ངོ།
the younger one
ཆི་གཟིག་ག་ཟེ་ན།
therefore
གཉིས་ཀ
both
འཛིན་གྲྭ་
class
ཉན
to attend (class), to listen
དགོ
to need, want
དྲ།
but
གོང་དཀའ་གི
expensive
གོང་རྩ་མོ།
cheap
ངོ་མ།
really

ཁ་རྩང་དེ་རིང་ལོ་སར་ཡིན་ནོ་སྟབས་ཀྱིས་ཧྲང་ན་མྱི་མང་ནི་རེད།

ཚོང་ཁང་ཚང་མ་འ་ཚོང་ཞེ་གི་ཧྲ་གི་ཟེར་གོ་གི ཚེ་རིང་ཡང་ཧྲང་ང་འགྱོ་རྒྱུ་རེད།

ཕྱི་ར་ཡུའུ་འ་དལ་མོ་ཡས་ནས་ཡོང་རྒྱུས་ཟེར་གི

ཧྲང་ནས་ཁུར་གེ་དཔེ་ཚོང་ཁང་ང་འགྱོ་རྒྱུ་རེད།

དཔེ་ཚོང་ཁང་ནས་ཁུར་གེ་དཔེ་ཆ་ཆ་ཙིག་ཉོ་རྒྱུ་རེད། ཁུར་གེས་སློབ་དེབ་ར་ལོ་རྒྱུས་གི་དཔེ་ཆ་ཉོ་རྒྱུ་རེད།

ཁུར་གེ་སྙན་ངག་ག་དགའ་ནོ་སྟབས་ཀྱིས་ སྙན་ངག་གི་དཔེ་ཆ་ར་ཆ་ཙིག་ཉོ་ན་ཐང།

ཁུར་གེའ་རོགས་པ་གཟིག་ཡོད་ཀི རོགས་ག་གི་མྱིང་ང་ཡང་ཚེ་རིང་ཟེར་ནི་རེད།

ཁུ་གཉིས་ཀ་ནངས་ཀ་སློབ་གྲྭའ་འགྱོ་རྒྱུ་རེད། ཚེ་རིང་ཆེའོ་གིས་རྩིས་རིག་སློབ་ཁྲིད་ཡེད་རྒྱུ་རེད།

ཚེ་རིང་ཆུང་ངོ་གིས་མིའི་རིག་པ་སློབ་ཁྲིད་ཡེད་རྒྱུ་རེད། ཆི་གཟིག་ག་ཟེ་ན། ཁུ་གཉིས་ཀ་དགེ་རྒན་རེད།

ང་སློབ་ཡིན་ནོ་སྟབས་ཀྱིས་ངས་ཁི་གཉིས་ཀའི་འཛིན་གྲྭ་ཉན་རྒྱུས།

ཁྱོ་དཔེ་ཆ་བཙོང་རྒྱུ་ཨེ་ཡོད།

ཡོད། ཁྱོ་དཔེ་ཆ་ཆི་ཟིག་དགོ་ནས།

ང་དག་ཡིག་ཕྱེ་མ་ལེབ་དགོས།

དག་ཡིག་ཕྱེ་མ་ལེབ་མེད་དྲ། དག་ཡིག་ཐུ་མིའི་དགོངས་རྒྱན་ཡོད། ཉོ་རྒྱུའི།

ཉོ་རྒྱུ་ཡིན། སྒོར་མོ་ཆི་ཟིག་རེད།

སྒོར་མོ་བཅོ་ལྔ་རེད།

གོང་དཀའ་གི། གོང་རྩ་མོ་མེད་ནས།

ཁྱོས་ངོ་མ་ཉོ་ན། ངས་སྒོར་མོ་བཅུ་ཐམ་པ་ཡེད་ལ་བཙོངས་དགོ།

ཧྲ་གི། ཧྲ་གི། ངས་ཉོ་རྒྱུ་ཡིན།